Tibetan Information Office (TIO) is based in Canberra.

ཨོ་སི་ཊོ་ལི་ཡ་གཞུང་འབྲེལ་གསར་འགྱུར་ལས་ཁང་ཨེས་བྷི་ཨས་(SBS)བོད་སྐད་སྡེ་ཚན་ནང་གསར་འགོད་པའི་ས་མིག་གསལ་བསྒྲགས།

༄༅། །མཚུངས་མེད་ཨོ་གླིང་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱུན་ལས་ལྷན་རྒྱས་ལ། ཆེད་ཞུ། ཨོ་གླིང་གཞུང་གི་གསར་འགྱུར་ལས་ཁང་ཨེས་བྷི་ཨེས་ (SBS) བོད་སྐད་སྡེ་ཚན་ནང་ལས་བྱེད་གཅིག་གི་ས་མིག་གསལ་བསྒྲགས་གནང་འདུག་པ་འབྲེལ་ཡོད་ནས་བོད་རིགས་ཚོར་དྲིལ་བསྒྲགས་གནང་རོགས་ཞེས་ཞུ་བཞིན་འདུག་ན། རང་རེའི་སྤྱི་ཚོགས་ནང་དོ་དབྱིངས་ཅན་ཡོད་ངེས་ལ་སོང་གསལ་བསྒྲགས་ཀྱི་དྲྭ་ཐག་འདི་མཉམ་ཡོད་པ་ཁྱབ་ཁོངས་ཚོགས་ཡོངས་ལ་གསལ་བསྒྲགས་གནང་སྐྱོང་ཡོང་བ་ཞུ།

ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢༨ ལ།